下载链接: 意中人+嘎尼达嘎措
标签
作曲 : 嘎尼达嘎措
编曲 : 谢尔巴
作词 : 琼次嘎
翻译:瓦琼索郎
录音合成:嘎多吉扎巴
མ་གྲོས་ལས་ཀྱིས་འཕྲད་པའི། ཡེ།
སྨིན་ལེགས་གཞོན་ཆུང་བུ་མོ། ཡེ།
ཡང་ཡང་འགྲོགས་འདྲིས་བྱུང་ནས།
བརྩེ་བའི་མངར་ཁ་འདྲེས་སོང་། ཨོ།
སྐྱིད་དུས་འཛུམ་ཞལ་སྟོན་ས།
ཨ། སྡུག་དུས་སེམས་ངལ་གསོ་རོགས། ཡེ།
ཡེ། ཚེ་གཅིག་ལུས་གཅིག་འདི་ལ།
འཚོ་བའི་གཤོག་ཡ་གྱུར་སོང་། ཨོ།
ཨ་ཧ་ལ་ཡེ།
མིག་ཁྲ་ཆུང་ངོགས་ནས་ཡང་ཡང་གསལ་བའི།
དགོང་རྨི་ལམ་ནང་གི་དྲན་འཛིན་ཁྱོད་ཡིན།
སྡེ་ཆེན་རི་གྲོང་འདི་ནས། ཡེ།
ད་རེས་འུ་གཉིས་འཕྲད་པ། ཡེ།
ཚེ་སྔོན་ལས་སྨོན་ཞིག་གིས།
རྟེན་འབྲེལ་འགྲིག་པའི་རྟགས་རེད། ཡེ།
ཡུལ་གྱི་ཁ་ཐག་གྱེས་ཀྱང་།
ཨོ། འདང་གི་བར་ཐག་ཉེ་ས། ཡེ།
ཡེ། བརྒྱ་ཚོགས་སྟོང་འདུས་དབུས་ནས།
སེམས་ཀྱི་གསང་བ་ཁྱོད་ཡིན། ཡེ།
ཨ་ཧ་ལ་ཡེ།
སྙིང་ཡ་ཆུང་ནང་ནས་ལྷང་ལྷང་དྲན་པའི།
སྐྱེས་ཚེ་རབས་འདི་ཡི་གཤོག་ཡ་ཁྱོད་ཡིན།
ཨ་ཧ་ལ་ཡེ།
སྙིང་ཡ་ཆུང་ནང་ནས་ལྷང་ལྷང་དྲན་པའི།
སྐྱེས་ཚེ་རབས་འདི་ཡི་གཤོག་ཡ་ཁྱོད་ཡིན།
སྐྱེས་ཚེ་རབས་འདི་ཡི་གཤོག་ཡ་ཁྱོད་ཡིན།