下载链接: 拉萨河女神+三佰东主
标签
作词 : 莫薛哇
作曲 : 三佰东主
编曲 : 谢尔巴
གསེར་གྱི་ཕྲ་ཀོང་ནང་ལ།།
གཡུ་ཡི་ཕྲ་རྒྱན་བཞག་ནས།།
ལྷ་སའི་སྐྱིད་ཆུའི་སྲས་མོ།།
ནོར་བུ་གླིང་ཁར་བསྒུགས་ཡོད།།
ཉི་མ་ལྷ་སའི་གླིང་ན།།
འདབ་ཆགས་གྲེ་འགྱུར་ལྷང་ལྷང་།།
ཁུ་བྱུག་གསུང་སྐད་འདྲ་ལེ།།
ནོར་བུ་གླིང་ན་མི་འདུག།
ལྷ་སའི་ལྕགས་པོ་རི་ལ།།
གཡས་སྐོར་ལན་གསུམ་བྱས་ན།།
བྲག་ལ་བརྐོས་པའི་ལྷ་མོ།
སྲས་མོ་ཡིན་ན་བསམ་བྱུང་།།
བྲག་ལ་བརྐོས་པའི་ལྷ་མོ།
ཨོ། སྲས་མོ་ཡིན་ན་བསམ་བྱུང་།།
སྐྱིད་ཆུའི་འགྲམ་གྱི་བུ་མོ།།
མེ་ཏོག་ཁྲོད་ནས་འཕྲད་ཡོང་།།
ལྷ་སའི་བར་སྐོར་གླིང་ནས།།
སྲས་མོ་གར་ཡོད་མ་ཤེས།།
སྲས་མོ་ཡང་ཡང་གླེང་ན།།
ཚངས་དབྱངས་ཐུགས་ལ་གནོད་འགྲོ།།
དམའ་མོ་གཞས་ཤིག་བཏང་བ།།
སྲས་མོའི་རྣ་བར་ལྷུང་སོང་།།
གཞས་མགོ་ང་ཡིས་བརྩམས་བྱུང་།།
གཞས་རྔ་ཁྱོད་ཀྱིས་བཏང་ཡོད།།
མ་སྐྱེས་ཨ་མའི་གླིང་ནས།།
གླུ་སྐད་ལྷ་སར་ཁྱབ་སོང་།།
མ་སྐྱེས་ཨ་མའི་གླིང་ནས།།
ཡེ། གླུ་སྐད་ལྷ་སར་ཁྱབ་སོང་།།
གཞས་མགོ་ང་ཡིས་བརྩམས་བྱུང་།།
གཞས་རྔ་ཁྱོད་ཀྱིས་བཏང་ཡོད།།
མ་སྐྱེས་ཨ་མའི་གླིང་ནས།།
གླུ་སྐད་ལྷ་སར་ཁྱབ་སོང་།།
མ་སྐྱེས་ཨ་མའི་གླིང་ནས།།
ཡེ། གླུ་སྐད་ལྷ་སར་ཁྱབ་སོང་།།
མ་སྐྱེས་ཨ་མའི་གླིང་ནས།།
ཡེ། གླུ་སྐད་ལྷ་སར་ཁྱབ་སོང་།།
录音 : 央容阿东
混音 : 央容阿东